Daily Archives: July 9, 2014

In memory of Shamar Rinpoche

༄།། འོད་སྣང་མཐའ་ཡས་རྒྱལ་བའི་ཐུགས་བསྐྱེད་ཀྱིས།། སྐྱེ་དང་འཕོ་བར་མཐོང་ཐོས་རེག་པའི་འགྲོ།།འདི་ཕྱིར་དགེ་བའི་བཀྲ་ཤིས་དཔལ་འབར་ཞིང་།།བདེ་བར་གཤེགས་པའི་ཕྲིན་ལས་འཇུག་པར་ཤོག །ཅེས་པའང་༧ཀུན་གཟིགས་ཞྭ་དམར་པའི་གཟུགས་ཆོས་དབྱིངས་སུ་ཐིམ་ཞིང་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པ་སྟོན་པའི་དུས་ཆེན་ལ་ཕ་དམ་པ་འདས་པའི་རྣམ་ཐར་ལ་ཡིད་ཕྱོགས་ཏེ་ཀཿཐོག་རིག་འཛིན་ཆེན་པོའི་སྐྱེ་མིང་པ་པདྨ་དབང་ཆེན་ཀྱིས་ཤར་མར་བྲིས་ཏེ་ཕུལ།།

ྟྖPrayers from a heart

ན་མོ། རྒྱལ་བའི་དབང་པོ་སྤྲུལ་པའི་གཟུགས་སྐུ་ཉིད། །རེ་ཞིག་བསྡུ་ཡང་འགྲོ་བའི་དོན་དགོངས་ནས། །ཀུན་ལ་གཟིགས་པའི་ཐུགས་རྗེས་མི་བཟོད་པར། །སླར་ཡང་སྤྲུལ་པའི་ཟླ་ཞལ་མྱུར་འབྱོན་གསོལ། །ཐར་འདོད་དམ་ཆོས་འདུལ་བའི་བློ་གྲོས་འོད། །སྐྱེ་རྒུའི་མུན་པ་སེལ་ལ་གསོལ་བ་འདེབས། །གཞན་དོན་དགོངས་པ་མཐའ་ཡས་རྒྱ་མཚོ་ལས། །བཟང་པོའི་རྣམ་མཐར་བསྐྲུན་ལ་གསོལ་བ་འདེབས། །གང་གི་ཡང་སྲས་མཆོག་སྤྲུལ་གསར་པའི་སྐུ། །མྱུར་བ་ཉིད་དུ་འབྱོན་པར་ཐུགས་རྗེས་བཟུང་།། །།